了解一位上師是否是如法的大乘上師,要看他是否讓你去了解菩提心、空正見
了解一位上師是否是如法的大乘上師,要看他是否讓你去了解菩提心、空正見

བཤེས་གཉེན་གང་ཞིག་ལ་ཐེག་པ་ཆེན་པོའི་བཤེས་གཉེན་གྱི་མཚན་ཉིད་དང་ལྡན་མིན་ནི་བཤེས་གཉེན་དེས་ཁྱེད་ལ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བའི་གོ་བ་སྟེར་ཡོད་མེད་དང་། རྒྱལ་བའི་བཀའ་དང་ཐག་ཇེ་ཉེ་རུ་གཏོང་ཡོད་མེད། སེམས་ཅན་གཞན་གཅེས་འཛིན་བློ་སོགས་གོང་འཕེལ་དུ་བཏང་ཡོད་མིན་ལ་བལྟས་ནས་ཐག་བཅད་དགོས།
ཅི་སྟེ་བཤེས་གཉེན་དུ་མིང་བཏགས་པ་གང་ཞིག་བསྟེན་ནས་ཁྱེད་ཀྱི་རྒྱུད་ལ་གོང་དུ་བཤད་པའི་ཡོན་ཏན་དེ་དག་བྱུང་མེད་པར་མ་ཟད། དྲན་རྒྱུ་བཤད་རྒྱུ་ཇི་མང་དུ་སོང་ཞིང་། ཆོས་བརྒྱུད་དབྱེ་འབྱེད་ཀྱི་བསམ་བློ་སོགས་ཇི་མང་དུ་འགྲོ་ཡོད་ན་ཁྱེད་དང་འཕྲད་པའི་བཤེས་གཉེན་དུ་མིང་བཏགས་པ་ག་གེ་མོ་དེར་བཤེས་གཉེན་གྱི་མཚན་ཉིད་མི་ཚང་བར་ཏན་འཁེལ་ནས་བཤད་ཐུབ།

ཡང་སྟེང་སྤྲུལ་སྐུས་ལྡི་ལི་རུ། ༢༠༡༧/༡/༢༠ ལ།

了解一位上師是否是如法的大乘上師,要看他是否讓你去了解菩提心、空正見,是否讓你多接近佛經,是否讓你增長了重視他人的念頭等等。

如果你接近了某位所謂上師之後,以上的那些功德你並沒有進步,反而雜念變得更多,分教派的念頭越多的話,可以確定的說,你所接近的這位所謂上師,不具備上師的定義。

仰丁朱古