整個世界全部只信仰一個宗教是不可能的,即便全世界只信仰一個宗教。。。。
整個世界全部只信仰一個宗教是不可能的,即便全世界只信仰一個宗教。。。。

揚寶隨筆2017.02.11


རིང་ལུགས་གཅིག་གིས་འཇིག་རྟེན་ཀུན་ལ་ཁྱབ་པ་ཡོང་མི་སྲིད་ལ། ཡོང་ནའང་མི་ཀུན་ལ་ཕན་ཐོགས་ཆེན་པོ་ཡོང་བའི་ངེས་པ་མེད།

 

ང་ཚོས་རང་གི་རིང་ལུགས་གཅིག་པོས་འཇིག་རྟེན་ཀུན་ཁྱབ་ཡོང་བའི་བརྩོན་པ་བྱས་ན་དེ་ནི་སྟོན་པ་སངས་རྒྱས་ཀྱིས་གདུལ་བྱའི་ཁམས་དང་བསྟུན་ཏེ་བདག་ཡོད་མེད་གཉིས་ཀ་གསུངས་དགོས་པའི་གནད་མ་གཟིགས་པ་རེད།

 

བརྒྱ་ལ་རང་གི་རིང་ལུགས་དེ་དངོས་པོའི་གནས་ཚུལ་དང་མཐུན་ཆེ་ཤོས་ཡིན་སྲིད་ཀྱང་དེ་མི་ཀུན་ལ་རན་པོ་ཡོད་མེད་ཏན་ཏན་མེད།

 

འཛམ་གླིང་གི་མེ་ཏོག་ལྡུམ་ར་ཡོངས་རྫོགས་རྒྱ་སེ་མེ་ཏོག་གཅིག་པུས་གང་ནའང་དེ་ཙམ་སྙིང་རྗེ་པོ་ཡོང་བའི་ངེས་མེད་ལ། དེ་ལས་མེ་ཏོག་གི་རིགས་སྣ་ཚོགས་ཡོད་ན་སྙིང་རྗེ་ཤོས་ཆགས་པ་མ་ཡིན་ནམ།

 

དེས་ན་ང་ཚོས་རང་གི་རིང་ལུགས་གཅིག་པུས་འཇིག་རྟེན་ཀུན་ཁྱབ་ཡོང་བའི་འབད་བརྩོན་བྱེད་ན་དོན་ངོ་མར་རང་གི་རིང་ལུགས་མེད་པར་བཟོ་བ་དང་གཅིག་མཚུངས་རེད།

 

整個世界全部只信仰一個宗教是不可能的,即便全世界只信仰一個宗教,也不一定對每個人都有利益。

 

假如我們只為了自我的宗派周遍整個世界而精勤努力,那便是不瞭解佛陀應不同所化根基宣講無我與有我的重點。

 

雖然自宗的主張與事實最相符,但不一定對每個人都合適。

 

假如整個世界的花園都僅僅以玫瑰花遍滿,不一定是最好看的,有各種鮮花綻放不是更美嗎?

 

因此如果我們精勤僅為自己的教派周遍世界努力,實際上是在消滅自己的教派而已!