我們對於自己的所作所為,尤其是自己所修習的法是否具量,要能夠研究和觀察
我們對於自己的所作所為,尤其是自己所修習的法是否具量,要能夠研究和觀察

我們對於自己的所作所為,尤其是自己所修習的法是否具量,要能夠研究和觀察。不管是在什麼時候,都不可僅憑自宗所說。假如只是依靠信心,他有他的規矩,我有我的法則,但我們的“信心”呢,要做到不與偏執相混雜,卻是極其困難的。

要是這樣下去,佛陀教法在社會上變成了僅以信心為主的宗教,那麼佛教與外道之間,便無明顯的差別可言,佛教將有融入外道之虞。

為什麼呢?在這世界上,如果把外道法比作大海,那麼佛法——特別是藏傳佛法——只不過是小小的池沼而已。

因此,我們一定要著重強調佛法的不共特色,主要是宗趣見解、心理學、因明等,透徹地解釋基、道、果三者建立,講說與修行並重,互不分離。這是我們要做的重點所在。

 

ང་ཚོས་རང་གིས་གང་བྱེད་ལ་བརྟག་དཔྱད་བྱེད་ཕོད་པ་དང་། ལྷག་པར་དུ་རང་གིས་བྱེད་བཞིན་པའི་ཆོས་དེ་ཆོས་ཚད་ལྡན་ཞིག་ཏུ་གྱུར་ཡོད་མེད་བརྟག་དཔྱད་བྱེད་ཕོད་པ་དགོས།

 ནམ་ཡང་རང་ཕྱོགས་ཀྱིས་གསུངས་པ་དེ་ཙམ་ལ་བརྟེན་མི་རུང་།

 དད་སེམས་ཁོ་ན་ལ་བརྟེན་ཡོད་ན་ཁོ་རང་ཁོ་རང་ལ་འགྲོ་སྟངས་ཤིག་ཡོད་མོད་ང་ཚོའི་དད་སེམས་ནི་ཕྱོགས་ཞེན་དང་མ་འདྲེས་པ་ཤིན་ཏུ་དཀའ་མོ་རེད།

དེ་བས་སངས་རྒྱས་ཀྱི་བསྟན་པ་སྤྱིའི་ཚུལ་དེ་སྤྱི་ཚོགས་ནང་དད་པ་གཅིག་པུར་གཙོ་བོར་བྱས་པའི་ཆོས་ཚུལ་ཞིག་ཏུ་གྱུར་ན་ཕྱི་ནང་གི་ཆོས་ཚུལ་གཉིས་ལ་འབུར་དུ་ཐོན་པའི་ཁྱད་པར་བཤད་རྒྱུ་མེད་པར་འགྱུར་བས་ནང་པའི་ཆོས་ཚུལ་དེ་ཕྱི་པའི་ཆོས་ཚུལ་དུ་ཐིམ་མི་འགྲོ་བའི་ཉེན་ཁ་མེད་པ་མིན།

ཅིའི་ཕྱིར་ཞེ་ན། འཛམ་གླིང་འདིར་ཕྱི་པའི་ཆོས་དེ་རྒྱ་མཚོ་ལྟ་བུ་ཞིག་ཡིན་པའི་དབང་དུ་བཏང་ན་ནང་ཆོས་སྤྱི་དང་ལྷག་པར་བོད་ཀྱི་ནང་ཆོས་ནི་རྫིང་བུ་ཆུང་ཆུང་ཞིག་ལས་གང་ཡང་མེད།

དེས་ན་ནང་ཆོས་ཀྱི་ཐུན་མིན་གྱི་ཁྱད་ཆོས་གཙོ་བོ་ལྟ་གྲུབ་དང་། སེམས་ཁམས་རིག་པ། གཏན་ཚིགས་རིག་པ་བཅས་རྩལ་དུ་བཏོན་ཏེ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་མཐིལ་ཕྱིན་པར་བཤད་པ་དང་། བཤད་པ་དེ་སྒྲུབ་པ་དང་ཡ་བྲལ་དུ་མི་འགྲོ་བར་བྱ་རྒྱུ་དེ་ང་ཚོའི་ལས་སུ་བྱ་བ་གཙོ་དེ་ཡིན་པར་ངེས་སོ།།

 ཡང་སྟེང་པས།

 ༢༠༡༩/༤/༢༧ གུང་སེང་ཉིན།

#仰丁仁波切

Yangten Rinpoche