揚寶隨筆2015-01-08
希求安樂,不欲痛苦,是為人性;
自他之間,相互依賴,是為法性;
於悅意境,起歡喜心,與生俱來;
一切有情,需有情感,為其自性。
此等無法改變,且亦無需改變。然則,從何時起,生錯亂耶?
克明鑒者:由無明故,所生種種,皆為苦厄,故需斷除;由智慧故,所生一切,皆為脫苦,故應修習。
是故應斷苦及苦因,成辦安樂及安樂因,皆唯法性決定軌則,其餘任誰不能決定。
然則,出家究竟是為何故?出家是為解脫故歟?解脫是為出家故歟?我等目標,乃為斷除煩惱、習氣,及與發心益他有情。若能成辦所為,任何不同方便,無一不可,何拘泥為?!
仰丁珠古於色拉寺
བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ནི་མིའི་རང་བཞིན་རེད། རང་གཞན་ཕན་ཚུན་བརྟེན་དགོས་པ་ནི་ཆོས་ཉིད་རེད། ཡུལ་ཡིད་དུ་འོང་ལ་དགའ་བ་ནི་ལྷན་སྐྱེས་རེད། བརྩེ་སེམས་དགོས་པ་ནི་སེམས་ཅན་རྣམས་ཀྱི་རང་བཞིན་རེད། དེ་དག་ནི་བསྒྱུར་ཐབས་མེད་ལ། བསྒྱུར་དགོས་པ་ཡང་མིན། འོ་ན། ཇི་ཙམ་ནས་ནོར་བ་ཡིན་ནམ།
གསལ་པོར་ཤེས་ཐུབ་པ་ནི། མ་རིག་པའི་དབང་གིས་བྱུང་བ་མཐའ་དག་ནི་སྡུག་བསྔལ་བ་ཡིན་པས་སྤོང་དགོས་ལ།
ཤེས་རབ་ཀྱི་དབང་གིས་བྱུང་བ་མཐའ་དག་ནི་སྡུག་བསྔལ་ལས་གྲོལ་བའི་ཚུལ་ཡིན་པས་ཉམས་སུ་ལེན་དགོས།
དེས་ན་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་སྤངས་དགོས་པ་དང་བདེ་བ་དང་བདེ་བའི་རྒྱུ་སྒྲུབ་དགོས་པ་ནི་ཆོས་ཉིད་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ཤིག་ཡིན་པ་ལས། གཞན་སུ་ཞིག་གིས་ཀྱང་གཏན་ལ་འབེབས་པ་ཞིག་མིན།
འོ་ན་ཡང་སྙིང་རབ་ཏུ་བྱུང་བ་དེ་ཅིའི་ཆེད་དུ་ཡིན། རབ་ཏུ་བྱུང་བ་དེ་ཐར་པའི་ཆེད་དུ་ཡིན། ཐར་པ་དེ་རབ་ཏུ་བྱུང་བའི་ཆེད་དུ་ཡིན། ང་ཚོའི་དམིགས་ཡུལ་ནི་ཉོན་མོངས་དང་དེའི་བག་ཆགས་སྤོང་དགོས་པ་དང་། གཞན་ཕན་གྱི་སེམས་བསྐྱེད་དགོས་པ་དེ་ཡིན། གལ་སྲིད་དམིགས་ཡུལ་འགྲུབ་ཐུབ་ན་ཐབས་ལམ་མི་འདྲ་བ་གང་ཡིན་ནའང་ཆོག།
ཡང་སྟེང་སྤྲུལ་སྐུས་སེ་ར་ལ།