༄།། འདྲེན་པ་འགྲོ་བའི་ཉི་མ་ཤཱཀྱའི་ཏོག།
導師眾生日輪釋迦頂
རིགས་གསུམ་རིགས་ཀྱི་བླ་མ་ཙོང་ཁ་པ།།
三種性之上師宗喀巴
དགེ་ལྡན་བཀའ་བརྒྱུད་རིམ་པར་བྱོན་པ་ཡི།།
具善傳承次第循序來
ཟུང་འཇུག་ནོར་བུའི་ཕྲེང་བ་སྙིང་ནས་དྲན།།
雙運珍寶珠鬘心憶念
ལུང་དང་རྟོགས་པའི་འཕྲུལ་གྱི་ཐེམ་སྐས་ནས།།
從教證法幻梯現登上
ཡབ་ཅིག་དུས་གསུམ་སངས་རྒྱས་ཙོང་ཁ་པའི།།
獨父三世諸佛宗喀巴
གདན་རབས་གསེར་གྱི་ཁྲི་ལ་མངོན་འཕགས་པའི།།
寺院上師傳承金法座
མགོན་ཁྱེད་ཞི་བར་གཟིམས་འདི་ཀྱེ་མ་ཧུད།།
怙汝寂靜眠息實嗟乎
འདས་དང་མ་འོངས་ད་ལྟར་བཞུགས་པ་ཡི།།
過去未來及現在安住
སྲས་བཅས་རྒྱལ་བའི་བསམ་མི་ཁྱབ་པ་ཡི།།
諸佛及菩薩不可思議
ཐུགས་རྗེ་བྱིན་རླབས་དུས་ལས་མ་གཡོ་བས།།
大悲加持恆時不動搖
མི་ཕམ་བླ་མའི་བཞེད་པ་ཡོངས་རྫོགས་ཤོག །
不敗上師心願願圓滿
ཅེས་པ་འདི་ནི་༧ རྒྱལ་བ་གཉིས་པའི་རྒྱལ་ཚབ། དགེ་ལྡན་བསྟན་པའི་གཙུག་རྒྱན། མདོ་སྔགས་གཞུང་ལུགས་ཀྱི་མངའ་བདག། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚནས་ནས་སྨྲོས་ན། རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་ཞལ་སྔ་ནས་རབ་བྱུང་བཅུ་བདུན་པའི་ཤིང་སྦྲུལ་ཁྲུམས་སྟོད་ཟླ་བའི་ཡར་ངོ་ཚེས་བརྒྱད་དཔའ་བོ་དཔའ་མོ་འདུ་བའི་དུས། སྔ་དྲོ་ཕྱི་ནང་སློད་བྱེད་ཀྱི་རྐྱེན་མཐའ་དག་དང་བྲལ་བ་སྟོང་ཁམས་ཆེན་པོའི་དུས་ཀྱི་ཆར་གཟུགས་སྐུ་བཀོད་པ་ཉེ་བར་བསྡུས་ཏེ་འོད་གསལ་ཆོས་སྐུར་གཞོལ་བར་མཛད་པ་ན། གང་གི་ཞབས་རྡུལ་ཉེ་བར་བསྙེན་པ། དབུ་མའི་འཛིན་གྲྭ་ནས་ཟབ་རྒྱས་གསུང་གི་འཆད་ཁྲིད་ཀྱི་སྐལ་བ་ཐོབ་པ་ནས། ༧འཇམ་མགོན་བླ་མ་ཙོང་ཁ་པའི་གསུང་རྨད་དུ་བྱུང་བ་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བའི་བཤད་ལུང་གི་རྒྱུན་དྲ་ལམ་ནས་ནོད་ཞུའི་གནང་བ་འཁྲོལ་སྟེ་ཟབ་རྒྱས་ཆོས་ཚུལ་ཇི་སྙེད་ཀྱི་སྐལ་བཟང་ཆེན་པོ་བྱུང་བའི་སློབ་མའི་གྲལ་མཐར་པ། ཡང་སྟེང་སྐྱེ་མིང་པ་བློ་བཟང་བསྟན་པའི་རྒྱལ་མཚན་ནས། བཤེས་གཉེན་དམ་པའི་ཐུགས་དགོངས་རྫོགས་པའི་གསོལ་འདེབས་སྨོན་ལམ་ཤུགས་དྲག་དང་བཅས། ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༨ ཉིན་བཞུགས་སྒར་ཕོ་བྲང་གི་རང་ཤག་ཏུ་སྦྱར་བའོ།། །།
此乃第二勝者補處,具善教法頂嚴,顯密經論之主,大眾之大善知識—難稱其名,因事稱名,至尊洛桑丹津吉祥賢尊,於勝生十七木蛇年八月上弦八日勇士勇母集會時,遠離內外一切雜染因緣,色身莊嚴收攝,進入光明法身。親近其足塵,從中觀班起獲得聽聞深廣講說善緣,直到獲得經由網路聽聞文殊怙主上師宗喀巴大師所說的稀有善說大寶金鬘的講說口傳開許,盡其所有,獲得聽聞深廣法理善緣的弟子末座,仰丁化身名者洛桑丹悲堅參,猛力祈願善知識尊心願悉能圓滿。西元2025年9月28日寫於尊者宮殿的自寮房中。