雅安,請不要悲傷──仰丁仁波切 撰
雅安,請不要悲傷──仰丁仁波切 撰

雅安,請不要悲傷
仰丁仁波切 撰 

哦,雅安

興盛衰損是世間的歷程
變動不居是事物的法性
無妄之災誰都可能遭遇
既成事實如何能夠扭轉?!

雅安,請不要悲傷

既已發生,悲傷苦惱,不能阻止困難延續
無可逃避,不能放棄,方能應對前路曲折
面對困難,畏怯退縮,并非解決問題之道


直面困難,與之戰鬥,迅速戰勝困難之兆

雅安,請不要悲傷

你的痛苦,是給我們的責任
你的悲傷,是對我們的策勵
你的哭聲,是對我們的呼喚

雅安,請不要悲傷
這廣袤世界,是你的家庭,也是你的願景
七十億人類,是你的四鄰,也是你的袍澤
我們的愛心,是你的活力,也是你的溫暖
我們的能力,是你的力量,也是你的囑托

雅安,請不要悲傷

無數人正在攜手走向你,雅安
無數人正一直關注著你,雅安
只要我們協同奮進,決沒有不可以逾越的困難
你們必定會感受到,這世界永遠和你們在一起

色拉昧拉然巴格西仰丁珠古撰于2013年4月23日



གཡག་རྔ་ལགས། ཐུགས་སྐྱོ་མི་དགོས།
༄༅། །ཀྱེ་གཡག་རྔ་ལགས།
དར་རྒུད་ནི་འཇིག་རྟེན་གྱི་བརྒྱུད་རིམ་ཡིན་ལ།
འཕོ་འགྱུར་ནི་དངོས་པོའི་ཆོས་ཉིད་ཡིན།
གོད་ཆག་ནི་ཁྱེད་ཅག་ཁོ་ན་མ་ཡིན་ལ།
བྱུང་ཟིན་པ་ནི་དེ་བས་བཟློག་ཏུ་ག་ལ་ཡོད།
གཡག་རྔ་ལགས། ཐུགས་སྐྱོ་མི་དགོས།
བྱུང་ཟིན་ལ་སྐྱོ་སྣང་གིས་མནར་བ་ནི་མདུན་དུ་ལུས་པའི་དཀའ་ངལ་གྱི་གདོང་ལེན་མ་ཡིན་ལ།འདོར་དུ་མེད་པ་ནི་མིག་མདུན་དུ་ལུས་པའི་ཀྱག་ཀྱོག་གི་བརྒྱུད་ལམ་དེ་ཡིན། དཀའ་ངལ་གྱི་མདུན་དུ་དཔའ་ཞུམ་པ་ནི་ཐབས་ལམ་ཞིག་མ་ཡིན་ལ།དཀའ་ངལ་ལ་གདོང་བསྟན་ཏེ་འཐབ་རྩོད་བྱེད་པ་ནི་དཀའ་ངལ་ལས་མྱུར་དུ་རྣམ་པར་རྒྱལ་བའི་སྔ་ལྟས་ཤིག་ཡིན།
གཡག་རྔ་ལགས། ཐུགས་སྐྱོ་མི་དགོས།
ཁྱེད་ཀྱི་སྡུག་བསྔལ་ནི་ང་ཚོའི་འགན་ཁུར་ཡིན་ལ།
ཁྱེད་ཀྱི་སྐྱོ་སྣང་ནི་ང་ཚོའི་བསྐུལ་མ་ཡིན།
ཁྱེད་ཀྱི་ངུ་སྒྲ་ནི་ང་ཚོའི་འབོད་སྒྲ་ཡིན།
གཡག་རྔ་ལགས། ཐུགས་སྐྱོ་མི་དགོས།
རྒྱ་ཆེ་བའི་འཛམ་གླིང་འདི་ཁྱེད་ཀྱི་ཁྱིམ་ཚང་ཡིན་ལ་ཁྱེད་ཀྱི་མདུན་ལམ་ཀྱང་ཡིན།
དུང་ཕྱིར་བདུན་ཅུའི་མི་མང་ནི་ཁྱེད་ཀྱི་ཁྱིམ་མཚེས་ཡིན་ལ་ཁྱེད་ཀྱི་འཐབ་གྲོགས་ཀྱང་ཡིན།
ང་ཚོའི་བརྩེ་སེམས་ནི་ཁྱེད་ཀྱི་གསོན་ཤུགས་ཡིན་ལ་ཁྱེད་ཀྱི་དྲོ་སྐྱིད་ཡང་ཡིན།
ང་ཚོའི་ནུས་ཤུགས་ནི་ཁྱེད་ཀྱི་སྟོབས་ཤུགས་ཡིན་ལ་ཁྱེད་ཀྱི་བསྐུལ་མའང་ཡིན།
གཡག་རྔ་ལགས། ཐུགས་སྐྱོ་མི་དགོས།
གྲངས་ལས་འདས་པའི་མི་མང་གི་ལག་གདང་སྦྲེལ་ནས་གཡག་རྔ་ལ་བསྐྱོད་བཞིན་འདུག་ལ། གྲངས་ལས་འདས་པའི་མི་མང་གིས་སེམས་ཁུར་བསྣམས་ནས་གཡག་རྔ་ལ་ཕྱོགས་བཞིན་འདུགམཐུན་སྒྲིལ་དང་འབད་བརྩོན་གྱི་སྟོབས་ཤུགས་འོག་བརྒལ་མི་ནུས་པའི་དཀའ་ངལ་གང་ཡང་མེད་ལ། འཛམ་གླིང་འདི་ནམ་ཡང་ཁྱེད་ཚོ་དང་ལྷན་ཅིག་ཏུ་ཡོད་པ་ཚོར་ངེས་ཡིན།
སེར་སྨད་དགེ་བཤེས་ལྷ་རམས་པ་ཡང་སྟེང་སྤྲུལ་སྐུ་ནས་ ༢༠༡༣ ཟླ་ ༤ ཚེས་ ༢༣ ལ་བྲིས།