我們的所處是人類的社會
我們的所處是人類的社會

我們的所處是人類的社會。

當有人批評自己或者批評別人的時候,我們心裡會很緊張,並且擔心被批評者會變成卑鄙之人,甚至擔心今後在社會上無法出頭,其實這些擔心是多餘的。

實際上沒有人僅僅因為被批評就變成卑鄙者,同樣受到讚揚也不會成為高尚者,高尚者僅靠自己的能力就足以證明自己。

如果因為批評而令你的心動搖的話,那麼你對被批評者之前的看法,不是因為明確的正理而產生的。

因為我們深處人類社會當中,所以什麼都有可能,乃至過分的讚頌與誹謗都是正常的現象。忽遇一個批評的時候不必如天塌地陷般發愁。

有人認為斥責批評者、或者讚頌被批評者就能降低批評的影響力,這是幼稚的想法。

罵人、誣衊他人是很容易做到的,因此,常常說別人惡言的那些人就是完全無能的人 。

智者、高尚的人肯定不會以空話來達成目標,而是以實際的行動與勤奮來展現實力的。

 

仰丁隨感于英國牛津大學(2019年1月)


ང་ཚོ་ཡོད་ས་མིའི་སྤྱི་ཚོགས་རེད།

གཞན་གྱིས་རང་ལ་སྐྱོན་བརྗོད་པའམ་གཞན་ཞིག་ལ་སྐྱོན་བརྗོད་པ་ན། ང་ཚོའི་སེམས་ནང་སྐྱོན་བརྗོད་བྱེད་ཡུལ་དེ་ནག་པོར་ཆགས་འགྲོ་བ་དང་། ཡང་ན་སྤྱི་ཚོགས་ནང་ལངས་རྒྱུ་མེད་པར་ཆགས་འགྲོའོ་སྙམ་པའི་སེམས་འཚབ་ཅིག་སྐྱེས་ཀྱི་ཡོད། དེ་ནི་དོན་མེད་ཀྱི་སེམས་ཁྲལ་ཞིག་རེད།

དོན་དངོས་སུ་སྐྱོན་བརྗོད་པས་ནག་པོ་དང་། བསྟོད་ར་བཏང་བས་དཀར་པོར་ཆགས་ཀྱི་མེད། ཨ་མའི་བུ་རང་ཉིད་ཀྱི་ནུས་པ་དེ་ཁོ་ནས་རང་ཉིད་ཇི་འདྲ་ཞིག་ཡིན་མིན་གསལ་སྟོན་བྱེད་ཀྱིན་ཡོད།

སྐྱོན་བརྗོད་ཅིག་གིས་ཁྱེད་ཀྱི་སེམས་ལ་གཡོ་འགུལ་ཐེབས་ན་དེ་ནི་སྐྱོན་བརྗོད་བྱེད་ཡུལ་དེ་ལ་ཁྱེད་ཀྱིས་སྔར་གྱི་ལྟ་ཕྱོགས་དེ་ཡང་དག་པའི་རྒྱུ་མཚན་ལས་བྱུང་མེད་པར་གསལ་པོར་ཆགས་པ་རེད།

ང་ཚོ་མིའི་སྤྱི་ཚོགས་ནང་ཡོད་པས་གང་ཡིན་ནའང་ཡོང་སྲིད། ཚད་ལས་བརྒལ་བའི་བསྟོད་སྨད་དེ་རྒྱུན་ལྡན་ཞིག་ལས་གང་ཡང་མིན། སྐྱོན་བརྗོད་ཅིག་ཡོང་དུས་གནམ་རྡིབ་པ་ལྟ་བུའི་སེམས་ཁྲལ་དགོས་དོན་མེད།

ལ་ལས་སྐྱོན་བརྗོད་བྱེད་མཁན་ལ་སྨད་པ་དང་། སྐྱོན་བརྗོད་བྱེད་ཡུལ་ལ་བསྟོད་དེ་གཞན་གྱི་སྐྱོན་བརྗོད་ཀྱི་ནུས་པ་བཅོག་ཐབས་བྱེད་པ་ནི་བྱིས་པའི་བསམ་བློ་ཞིག་རེད།

གཞན་ལ་ཚིག་ངན་དང་སྒྲོ་སྐུར་བྱ་རྒྱུ་ནི་ཆེས་སྟབས་བདེ་ཞིག་ཡིན་པས་རྟག་ཏུ་མི་གཞན་ལ་ཚིག་ངན་སོགས་སྨྲས་ནས་སྡོད་མཁན་དག་ནི་རང་ཉིད་ལ་དོན་དངོས་ཀྱི་ནུས་པ་གང་ཡང་སྟོན་རྒྱུ་མེད་མཁན་དག་རེད།

མཁས་པ་དང་མཛངས་པ་དག་གིས་ནི་བཤད་ནས་འབྲས་བུ་ཐོབ་ཐབས་མི་བྱེད་པར་དཀའ་བ་སྤྱད་ནས་ནུས་པ་སྟོན་གྱི་ཡོད།

ཡང་སྟེང་པས་དབྱིན་ལན་ oxford མཐོ་སློབ་ཏུ་གཟའ་ཉི་མར་གང་དྲན་དུ་བྲིས།